ཁྲིམས་ལུགས་སུ་ཅི་ཞིག་ལ་བཟའ་འཐོར་ཞི་ལྷོད་གྱི་དུས་སྐབས་ཟེར་རམ།
什么是离婚冷静期?
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སྟོང་གཅིག་དོན་བདུན་པའི་གཏན་འབེབས་ལ།བཟའ་འཐོར་ཞི་ལྷོད་ཀྱི་དུས་ཡུན་ནི་རིམ་པ་ལྔ་ལ་བགོས་ཡོད། ༡བཟའ་ཟླ་ཉིས་ལྷན་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་བཟའ་འཐོར་རྒྱག་རྒྱུའི་རེ་ཞུ་འདོན་པ།༢གཉེན་སྒྲིག་ཐོ་འགོད་ལས་ཁུངས་གིས་རེ་ཞུ་དེ་འབྱོར་ནས་བརྩིས་པའི་ཉིན་སུམ་བཅུའི་ནང་ཐོག་མར་བཟའ་འཐོར་འགྲོ་ལུགས་མི་སྒྲུབ་པར་འཇོག་པ།༣ ཉིན་འདི་སུམ་བཅུའི་ནང་། བཟའ་ཟླ་ཕྱོགས་སུ་ཞིག་བཟའ་འཐོར་རྒྱག་རྒྱུར་མ་འཐད་ན།སྔོན་སྤྲད་ཟིན་པའི་བཟའ་འཐོར་རེ་ཞུ་དེ་ཕྱིར་འཐེན་ཐུབ། ༤སྔར་ཀྱི་ཉིན་སུམ་བཅུ་དེ་འགོར་རྗེས།ད་གསར་ཀྱི་ཉིན་སུམ་བཅུའི་ནང་བཟའ་ཟླ་ཕྱོགས་གཉིས་ཡང་བསྐྱར་འབྲེལ་ཡོད་ལས་ཁུངས་ལ་དངོས་སུ་སོང་ཏེ་བཟའ་འཐོར་དཔང་ཡིག་ལེན་པའི་རེ་ཞུ་འདོན་དགོས།༥ རེ་ཞུ་མ་བཏོན་ན། ཐོག་མར་ཞུས་པའི་བཟའ་འཐོར་རེ་བ་དེ་ཕྱིར་འཐེན་པར་བལྟ་རྒྱུ་ཡིན།
《民法典》第1077条规定离婚冷静期:分为5个层次:1.夫妻共同向婚姻登记机关申请离婚。2. 婚姻登记机关收到申请之日起30日内,先不予办理离婚。3.在这30日内,任何一方不愿离婚,都可以撤回离婚申请。4.前一个30日届满,再一个30日内,双方应当亲自去申请离婚证。5.不申请,视为撤回离婚申请。
གོང་ན་བཤད་ཟིན་པའི་བཟའ་འཐོར་ཞི་ལྷོད་དུས་སྐབས་ཞེས་པའི་ལམ་ལུགས་འདི་ནི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་སྤྱོད་པ་ཡིན།འོ་ན་མི་དམངས་ཁྲིམས་ཁང་གིས་བཟའ་གྱོད་བཤད་སྐབས་ཡང་དེ་དང་ཆ་འདྲ་བའི་བཟའ་འཐོར་ཞི་ལྷོད་ཀྱི་དུས་སྐབས་ཞིག་ཡོད་དེ། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སྟོང་གཅིག་དོན་དགུ་བ་ལ།མི་དམངས་ཁྲིམས་ཁང་གིས་བཟའ་གྱོད་བཤད་སྐབས་འདུམ་འགྲིག་བྱ་དགོས་ཞེས་པ་འདི་ཡང་གཉེན་སྒྲིག་ལ་སྲུང་སྐྱོབ་བྱེད་ཐབས་ཞིག་ཡིན།མི་དམངས་ཁྲིམས་ཁང་གིས་གང་ཐུབ་ཀྱིས་བཟའ་བ་འགྲིག་ཐབས་བྱས་ཏེ།བཟའ་བ་རེ་རེའི་ཁྱིམ་གཞི་འདི་དག་ཇེ་འགྲིག་ཇེ་ལེགས་དང་སྤྱི་ཚོགས་ཆེན་པོ་འདི་སྔར་ལས་སྲ་བརྟན་དུ་གཏོང་དགོས།
这里的离婚冷静期制度适用于婚姻登记机关。其实人民法院在办理离婚案件中也有冷静期制度,体现在《民法典》第1079条:“人民法院审理离婚案件,应当进行调解”。这都是对婚姻的一种保护措施,尽可能防止轻率离婚、冲动离婚,从而保护婚姻家庭的稳定,进而维护社会稳定。
མི་དམངས་ཁྲིམས་ཁང་གིས་བཟའ་གྱོད་འདི་དག་བཤད་པའི་གོ་རིམ་ཁྲོད།བཟའ་ཟླ་གཉིས་བར་ན་སྔར་ནས་ཆགས་པའི་བརྩེ་དུང་དེ་ད་དུང་ཡོད་ན།བཟའ་འཐོར་མི་ཆོག་པའི་དཔྱད་འཚམས་གཏོང་རྒྱུ་རེད།དོན་དངོས་སུ་འདི་ནི་བཟའ་འཐོར་རྒྱག་པའི་རང་དབང་ལ་ཚོད་འཛིན་བྱས་པ་མ་ཡིན་པར།ཅི་ནུས་ཀྱིས་ཧོལ་རྒྱུག་ངང་བཟའ་འཐོར་མི་རྒྱག་པར་དམིགས་ཏེ།ཚད་མཐོན་པོའི་སྒོ་ནས་ཁྱིམ་ཚང་འཆམ་མཐུན་སྲ་བརྟན་དུ་གཏོང་བར་སྲུང་སྐྱོབ་བྱས་པ་ཡིན།འོ་ན། གོང་ལྟར་མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་མི་ཆོག་པའི་དཔྱད་འཚམས་བཏང་ཡང་བཟའ་ཟླ་གཉིས་ལ་སྔར་བཞིན་འགྲིག་མཐུན་མི་འབྱུང་བར་སོ་སོ་རང་སར་གྱེས་ནས་ལོ་གཅིག་འགོར་ཏེ། ཕྱོགས་གཅིག་གིས་ཡང་བསྐྱར་མི་དམངས་ཁྲིམས་ཁང་ལ་བཟའ་འཐོར་རྒྱག་རྒྱུའི་གཏུག་བཤེར་ཞུས་ན། སྤྱིར་བཏང་དུ་མི་དམངས་ཁྲིམས་ཁང་གིས་བཟའ་ཟླ་གཉིས་བར་ལ་བརྩེ་འདང་མེད་པར་ངོས་བཟུང་སྟེ་བཟའ་འཐོར་ཆོག་པའི་དཔྱད་འཚམས་གཏོང་བ་ཡིན།
如果法院经审查认为,双方感情还没有破裂,会判决不准离婚。其实这并不是限制离婚自由,而是尽量避免草率离婚,最大程度维护家庭稳定。当然,如果判决不准离婚后并没有使双方重归于好,又分居满一年,一方再次起诉离婚,一般会认定夫妻感情确已破裂,应当准予离婚。
达热吉解读《民法典》——安多藏语(玛曲方言):什么是离婚冷静期
作者:王达哇来源:玛曲县法院

ཁྲིམས་ལུགས་སུ་ཅི་ཞིག་ལ་བཟའ་འཐོར་ཞི་ལྷོད་གྱི་དུས་སྐབས་ཟེར་རམ། 什么是离婚冷静期?